73972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་དབང་རྒྱལ་པོ་སྤུན་དགུ་ (1)
Part of speech མིང་ཚིག
Definition ཕྱཱ་ལྷ་ཚངས་པ་རྡོ་རྗེ་དགྲ་འདུལ། འབྲི་གཉན་འདོང་རྡོ་རྗེ་བློ་གྲོས། གཙང་ལེ་ཏི་རྡོ་རྗེ་ཆེ་ཡག། ཟླའི་ཕོ་ཉ་རྡོ་རྗེ་ལྕགས་ཕུར་བཅས་གོང་ན་ཕུ་བོ་ཆེ་བཞི། ཀོང་པོའི་རྡོ་རྗེ་གཞོན་ནུ། ཚ་བའི་རྡོ་རྗེ་དྲིལ་དཀར། ཉག་བྲེའི་རྡོ་རྗེ་གུར་མགོན། གཙང་གི་རྡོ་རྗེ་ཁྲོ་མདོ་སྟེ་འོག་ན་ནུ་བོ་ཆུང་བཞི། སྨར་རྡོ་རྗེ་ངང་དཀར་རོ། །
རི་དབང་རྒྱལ་པོ་སྤུན་དགུ་ (2)
Part of speech མིང་ཚིག
Definition ཆོས་ཀྱི་རྣམ་གྲངས་མཐོང་བ་ཀུན་འདུས་ལས། བོད་ཡུལ་སྤྱིའི་རི་དབང་ཁ་དྲག་སྤྱི་བཙན། འབྲི་རྐེད་གླིང་དྲུག་གི་རི་དབང་ཙམ་གཉན་སྨྲི་ཏི། བོད་ཁམས་གླིང་དྲུག་གི་རི་དབང་སྦྲམ་ཆེན་ཧ་ཏི། བྱང་འབྲོག་གླིང་དྲུག་གི་རི་དབང་དོ་ཡོ་གཉན་པོ། ལེ་སྟོད་སྨར་ཤོད་རི་དབང་མོ་ལྷ་ངང་པ། བུ་འབོར་སྟོད་ཀྱི་རི་དབང་ལྡམ་མིན་རྩི་ར། འབྲི་སྟོད་གླིང་དགུའི་རི་དབང་ཀོལ་ཆེན་ཅི་པ། ལེ་སྨད་རྒྱུད་ཀྱི་རི་དབང་དྲག་དམར་སྟག་རྩེ། ཟླ་ཆུ་རྒྱུད་ཀྱི་རི་དབང་ཡོ་གེ་གཉན་པོའོ། །