74016

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་དྭགས་སེངྒེའི་བརྟུལ་ཞུགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་རི་དྭགས་སེངྒེའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། རི་དྭགས་སེངྒེའི་བརྟུལ་ཞུགས་ཀྱིས། །གྲོགས་ངན་ལ་སོགས་སྤང་བར་བྱ། །ཞེས་དང་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཟླ་སྤངས་ཏེ་གྲོགས་མེད་པར་སེངྒེ་གཅིག་པུར་གནས་ཏེ་མི་འཇིགས་པར་བརྟན་པ་ལྟར་རྣལ་འབྱོར་པས་དགོན་པར་གྲོགས་ངན་སྤངས་ཏེ་གཅིག་པུར་གནས་པས་ལྟ་སྒོམ་གྱི་བརྗིད་པ་དོན་ཆེན་པོ་འགྲུབ་པའི་བརྟུལ་ཞུགས་ཏེ། ཞེས་གསུངས་སོ། །
Domain ཆོས་ལུགས།