74042

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་བོ་ཆེ་སྔ་འགྱུར་རྙིང་མ་གྲྭ་ཚང་ (1)
Part of speech མིང་ཚིག
Definition རི་བོ་ཆེ་སྔ་འགྱུར་རྙིང་མ་གྲྭ་ཚང་ནི། རི་བོ་ཆེའི་ས་ཆར་ཆགས། རྙིང་མ་གྲྭ་ཚང་གསང་སྔགས་བདུད་འདུལ་གླིང་ནི། སྟག་ལུང་མར་ཐང་གི་ཆོས་རྗེ་ཁྲི་རབས་གསུམ་པས། རབ་བྱུང་ ༦ པ་ཤིང་བྱི ༡༣༨༤ ལོར་དབེན་མཁར་ནག་མར་བཏབ། དེའི་རྗེས་བླ་གྲྭ་བཅུ་དྲུག་ཡར་བྱོན་བས་ཡང་དབེན་མཁར་ནག་ཏུ་རྨང་གཞི་བྱས་ཏེ། ཤིང་རྟ་རབ་བྱུང་ ༩ པ ༡༥༣༤ ལོར་རྙིང་མ་གྲྭ་ཚང་གསང་སྔགས་བདུད་འདུལ་གླིང་གསར་དུ་བཏབ་ནས་ཚེ་སྒྲུབ་དང་ཕུར་སྒྲུབ་ཆེན་མོ་བཙུགས། དེ་ནས་བཟུང་མཁར་ལུགས་ཚེ་ཕུར་གཉིས་ལ་ཡབ་ཆོས་རྣམ་གཉིས་ཞེས་ད་ལྟའི་བར་མ་ཉམས་པར་ཡོད། དུས་འགྱུར་སྐབས་དགོན་སྡེ་འདི་ལ་ཆག་འཇིག་མང་དུ་བྱུང་། དེང་སྐབས་འདུ་ཁང་གསར་བཞེངས་བྱས།

{{#arraymap:རི་བོ་ཆེ་སྔ་འགྱུར་རྙིང་མ་གྲྭ་ཚང་

|; |@@@ | | }}