74048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་བོ་དན་ཏིག་ (1)
Part of speech མིང་ཚིག
Definition མདོ་སྨད་རྨ་ཆུ་བྱང་རྒྱུད་ཀྱི་དགོན་སྡེ་ཞིག་སྟེ། དུས་རབས་དགུ་པར་རྒྱལ་པོ་གླང་དར་གྱིས་བསྟན་པ་སྣུབ་སྐབས། བོད་ཀྱི་མཁས་པ་མི་གསུམ་མདོ་སྨད་དུ་ཕེབས་ཏེ་རི་བོ་ཏན་ཏིག་ཏུ་བཞུགས། བླ་ཆེན་དགོངས་པ་རབ་གསལ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག སྤ་ཁོར་ཡེ་ཤེས་གཡུང་དྲུང་སོགས་དབུས་གཙང་གི་མི་བཅུས་བླ་ཆེན་གྱི་ཞབས་ལ་གཏུགས་ཏེ་བཙུན་པའི་ཆ་བྱད་བླངས་ནས་འདུལ་བ་ལ་སོགས་པའི་ཆོས་རྣམས་གསན་ཞིང་བསྙེན་རྫོགས་ཀྱི་སྡོམ་པ་མནོས། བསྟན་པ་ཕྱི་དར་གྱི་དབུ་ཚུགས། དུས་རབས་བཅུ་དྲུག་པར་རྒྱལ་བ་བསོད་ནམས་རྒྱ་མཚོ་ཕེབས་ནས་སྐུ་མཚམས་ཡུན་རིང་གནང་། དཔལ་འཁོར་ལོ་སྡོམ་པའི་ཞལ་གཟིགས། བདེ་མཆོག་ལྷ་ལྔའི་ཆོས་ཚན་འགའ་ཞིག་ཐུགས་རྩོམ་གནང་། རྒྱལ་བུའི་སྒྲིབ་སྦྱོང་གི་གནས་དང་། བདེ་མཆོག་གི་ཕོ་བྲང་ཡིན་ཟེར་བའི་སྒྲུབ་ཁང་། གྲུབ་པའི་རྒྱལ་མོའི་ཚེ་ཆུ། ཕྱག་རྡོར་གྱིས་ཀླུ་རྒྱལ་གདུག་པ་ཅན་བདུལ་བའི་གནས་དང་ཀླུའི་གཟུགས་རང་བྱོན། རྒྱལ་བ་བསོད་ནམས་རྒྱ་མཚོའི་སྒྲུབ་ཁང་། བྱམས་པ་རང་བྱོན་གྱི་བྲག་རི། དགེ་སློང་ཨ་ཅི་ཏའི་སྒྲུབ་ཁང་། སངས་རྒྱས་སྟོང་སྐུ་བཞུགས་པའི་མཁས་པ་མི་གསུམ་གྱི་སྒྲུབ་ཁང་སོགས་རྟེན་དང་བརྟེན་པ་མང་དུ་སྣང་། དུས་རབས་བཅུ་བདུན་པར་ཨ་རིག་དགེ་བཤེས་རྒྱལ་མཚན་འོད་གསལ་གྱི་མཚམས་ཁང་། ཇོ་ཁང་། བྱམས་ཁང་། ཀླུ་རྒྱལ་ཁང་སོགས་བཞི་སྐོར་དུ་ཡོད་པའི་འདུ་ཁང་། གྲྭ་གྲངས་བརྒྱ་ལྷག་གིས་གཞི་གསུམ་གྱི་ཕྱག་ལེན་སྐྱོང་། དུས་རབས་བཅོ་བརྒྱད་པར་མཁན་པོ་དཔལ་ལྡན་རྒྱ་མཚོ་དང་ཞབས་དྲུང་འཇམ་དབྱངས་གྲགས་པ་རྣམ་གཉིས་ཀྱིས་ཀྱང་གནས་འདིར་འདུ་ཁང་བཞེངས།

{{#arraymap:རི་བོ་དན་ཏིག་

|; |@@@ | | }}