74052
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱུད་བཞི་ལས་བཤད་པའི་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་དེའི་ནུབ་ཕྱོགས་ན་བཟང་པོ་དྲུག་གི་སྨན་སྐྱེས་ཡོད་པའི་རི་བོ་ཞིག་ཡིན། སྔར་གསང་སྔགས་ཀྱི་བསྟན་པ་དར་བའི་དེང་སང་སིངྒྷ་ལའི་གླིང་ཞེས་གྲགས་པ་ན་ཡོད་པའི་རི་བོ་ཞིག་གི་མིང་སྟེ། སྨན་པ་ལྕགས་འགྲོལ་ལས། རྩེ་ན་རྩལ་གྱི་རྒྱལ་པོ་གནས། ངོས་ལ་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་མཆོངས་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་ཚང་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚང་བཅས་པ། །སྐལ་ལྡན་རྣམས་ཀྱིས་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །ཞེས་པའི་གནས་དེ་དེང་ཤྲིཔྟ་ཞེས་པ་དེ་ཡིན། |
{{#arraymap:རི་བོ་མ་ལ་ཡ་
|; |@@@ | | }}