74057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་བོ་ལྟ་བུའི་བརྟུལ་ཞུགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་རི་བོ་ལྟ་བུའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། རི་བོ་ལྟ་བུའི་བརྟུལ་ཞུགས་ཀྱིས། །མི་འགྱུར་རབ་ཏུ་བརྟན་པར་བྱ། །ཞེས་དང་གཟི་ལྡན་འཆར་ཁའི་འོད་སྣང་ལས། རི་རབ་ལྷུན་པོ་ལྟར་བླ་མ་ལ་ལྕི་བར་སེམས་ཤིང་མི་འགྱུར་བར་བརྟན་པ་ཆེ་བའི་བརྟུལ་ཞུགས་ཏེ། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རི་བོ་ལྟ་བུའི་བརྟུལ་ཞུགས་

|; |@@@ | | }}