74069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་བོང་མཚན་མ་ (1)
Part of speech མིང་ཚིག
Definition ཟླ་བ་སྟེ། ཤཱཀྱ་ཐུབ་པ་སློབ་པ་ལམ་གྱི་དུས་སུ་བྲམ་ཟེ་ཞིག་གིས་ཟས་བསླངས་པ་ལ། སྦྱིན་རྒྱུ་མེད་པས། རི་བོང་ལ་སྤྲུལ་ནས་མེ་ནང་ལ་མཆོངས་ནས་སྐུ་ལུས་སྦྱིན་པ་བཏང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་ངོ་མཚར་བའི་མཛད་པ་དེ་མཐོང་ནས། འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་སྐལ་བར་རི་བོང་བྱང་ཆུང་སེམས་དཔའི་སྣང་བརྙན་འདི་ཟླ་བའི་ཁང་བཟང་ངོས་ལ་བྲིས་པ་རྟག་ཏུ་མངོན་པར་སྣང་བར་གྲགས་པས་སོ། །
Type མངོན་བརྗོད།

{{#arraymap:རི་བོང་མཚན་མ་

|; |@@@ | | }}