7409

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདིང་བ་ཚད་ལས་ལྷག་པར་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་པོ་རང་རང་གི་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བྱ་བ་སོ་སོ་དང་འབྲེལ་ནས་དོན་དང་བྱ་བ་མང་བ་དང་། འདོད་པ་ཆེ་བའོ། །ངོ་ཏི་བཅས་ལྡན་དགེ་སློང་གིས་གདིང་བ་རང་གི་རྒྱུ་མཚན་ཉིད་དང་ལྡན་པ་ལ་རང་གི་དོན་དུ་རང་ངམ་གཞན་བསྐོས་པའི་སོར་ཕྱེད་ཡན་ཆད་ཚད་ལས་ལྷག་པ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། ཡན་ལག་བཞི་ལས། གཞིའི་ཡན་ལག་ལ་ལྔ་ལས། གདིང་བ་རང་གི་རྒྱུ་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། གདིང་བའོ་ཞེས་པ་ལ་སོགས་པ་གསུངས་པས་སོ། རང་གི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་ཚད་དང་ལྡན་པ་སྟེ། སྔར་བཤད་པ་བཞིན་ནོ། བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་ཚད་ལས་ལྷག་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། སྦྱོར་བ་ནི་རང་ངམ་བསྐོས་པས་ཚད་ལས་ལྷག་པར་བྱེད་པར་ཞུགས་པའོ། མཐར་ཐུག་ནི་བཟོ་ཟིན་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་ནི། ངོ་བོ་ནི། དགེ་སློང་གིས་འདིང་བ་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་དོ་སོར་དྲུག་ལས་ལྷག་པ་བྱས་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གདིང་བ་ཚད་ལས་ལྷག་པར་བྱེད་པའི་ལྟུང་བྱེད་

|; |@@@ | | }}