74097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་མི་འབབ་པ་བསོད་ནམས་རིན་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་སྟག་ཕྱི་ལོ ༡༣༦༢ ལོར་འཁྲུངས། སྤྱིར་བཤེས་གཉེན་མང་ལས་གཞུང་བཀའ་པོད་ལྔའི་གཙོས་རྒྱུད་དང་རིག་གནས་བཅས་མཁས་པར་སྦྱངས། དང་པོ་དགེ་ལྡན་པ་ཡིན། ཞྭ་དམར་བ་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོའི་ཞབས་ལ་གཏུགས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྒྱུད་སྐོར་གྱི་དབང་ལུང་ཁྲིད་གསུམ་ལེགས་པར་ཞུས། སྒོམ་སྒྲུབ་མཛད་པས་རྟོགས་པ་ཆེན་པོར་མངའ་བརྙེས། གནས་ངེས་མེད་ཁོ་ནར་རྟེན་ཏེ་དཀའ་སྤྱད་བརྩོན་པས་རྒྱལ་ཁམས་འགྲིམས། གཞན་དོན་བསྒྲུབས་ནས་གོ་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་བྱ་ཕྱི་ལོ ༡༤༥༣ ལོར་དྭགས་པོར་སྐུ་གཤེགས།