74159

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་རབ་ལྷུན་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ནམ་མཁའ་ལ་ས་བོན་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སྤྲིན་འཁྲིགས་ཏེ་ཆར་ལོ་མང་དུ་བབ་པ་ལས་ཡང་མཚོ་ཆེན་པོ་ཞིག་འཆགས་ཏེ། ཚད་ནི་དཔག་ཚད་བརྒྱད་ཁྲི་ཙམ་ཞིག་ཏུ་ངེས་སོ། །དེ་ལ་ཁམས་རབ་སྡུད་ཅིང་འབྱེད་པའི་རླུང་གིས་གྲུ་བཞིར་དཀྲུགས་པ་ལས་གསེར་གྱི་ས་གཞི་དེ་ལ་ལྷུན་པོའི་རི་འཆགས་ཏེ། བརྗིད་ཆེ་བས་ན་ལྷུན་པོ་དང་། རིའི་རྒྱལ་པོ་ཡིན་པས་ན་རི་རབ་བོ། །ལྷུན་པོ་ནི་ཤར་དངུལ་དང་ལྷོ་བཻ་ཌཱུརྻ་དང་ནུབ་ཤེལ་དམར་པོ་དང་བྱང་གསེར་ཏེ་རིན་ཆེན་བཞིའི་རང་བཞིན་ཡིན་ནོ། །རི་རབ་ཀྱི་ངོས་རིན་པོ་ཆེ་གང་གི་རང་བཞིན་ཡིན་པ་དེའི་འོད་ཀྱིས་དེའི་ངོས་ཀྱི་ནམ་མཁའང་དེའི་ཁ་དོག་ཏུ་སྣང་ལ། དེའི་འོད་ཀྱིས་ངོས་ཀྱི་རྒྱ་མཚོའང་དེའི་ཁ་དོག་ཏུ་སྣང་སྟེ། དེས་ན་འཛམ་བུའི་གླིང་གི་ངོས་བཻ་ཌཱུརྻ་ཡིན་པས་དེའི་འོད་ཀྱིས་འདིའི་ནམ་མཁའ་དང་རྒྱ་མཚོའང་བཻ་ཌཱུརྻའི་ཁ་དོག་ཏུ་སྣང་ངོ་། །ཚད་ནི་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་དག་ནུབ་པོ་ཞེས་བྱ་སྟེ། གསེར་གྱི་ས་གཞི་ལ་བརྟེན་པའི་ཕྱིར་རོ། །ཆུའི་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲི་འཕགས་པའོ། །མདོ་ཕལ་ཆེར་ལས་ནི། རི་རབ་དཔག་ཚད་འབུམ་དྲུག་ཁྲི་བརྒྱད་སྟོང་པ་དང་། རྒྱ་མཚོའང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པར་བཤད་མོད་ཀྱི། འདིར་ནི་འདུལ་བ་ལུང་གཞི་ལས། རིའི་རྒྱལ་པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ནི་འོག་ཏུ་གསེར་གྱི་ས་གཞི་ལ་ཐུག་པར་འདུག་གོ ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་སྟེང་དུ་བྱུང་སྟེ་དེ་ལྟར་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །ཞེས་གསུངས་པ་དང་མཐུན་པར་བཤད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།
Synonyms ལྷུན་པོ། མེ་རུཿ། གླིང་བཞིའི་ལྟེ་བ། གླིང་བཞིའི་སྤྲོ། བརྒྱ་བྱིན་ཁང་བཟང་། གཞལ་མེད་ཁང་། ལྷའི་གནས། ལྷའི་རི་བོ། འཆི་མེད་རི། མཆོར་བྱེད། ཉི་ཟླའི་སྐ་རགས་ཅན། ནམ་མཁའི་ཐེག་པ། བང་རིམ་ཅན། མཚེར་བྱེད། འཚེར་བྱེད་ལྷུན་པོ། རི་བོའི་དབང་ཕྱུག རི་ཡི་དབང་པོ། ས་འཛིན་དབང་པོ། རི་ཡི་མཆོག རི་བོ་མཆོག་རབ། རིན་ཆེན་བཞིའི་རང་བཞིན། རིན་ཆེན་རྡུལ་བརྩེགས། རིན་ཆེན་བརྩེགས་པ།

{{#arraymap:རི་རབ་ལྷུན་པོ་

|; |@@@ | | }}