74195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་ཤུལ་དགོན་ (1)
Part of speech མིང་ཚིག
Definition རི་ཤུལ་ཨོ་རྒྱན་བསམ་གཏན་གླིང་འདི་ཐོག་མར་འདེབས་པ་པོ་ནི། ཀཿཐོག་ནམ་མཁའ་དཔལ་དང་དྲུང་དབང་དྲག་རྒྱ་མཚོ་གཉིས་ཡིན་ཞེས་ཟེར་སྲོལ་ཡོད། གཞན་ཡང་སྐུ་གསུང་ཐུགས་རྟེན་མཆོད་ཆས་རོལ་མོ་རིན་ཐང་ཆེ་བ་གྲངས་ལས་འདས་པ་བཞུགས་ཡོད་ཀྱང་དུས་ཀྱི་དབང་གིས་འཇིག་སོང་། དགོན་པའི་སྒྲུབ་མཆོད་དུས་བཞིར་ཆགས་མེད་ཡོད། སྔོན་བླ་གྲྭ་བརྒྱ་ལྷག་ཡོད། དེང་སང་གོ་སྤར་མཁན་མཆོག་སྤྲུལ་བདུན་པ་ཀརྨ་ལེགས་གྲུབ་ཀྱིས་གཙུག་ལག་ཁང་ནང་རྟེན་བཅས་གསར་བཞེངས་བྱས་ཡོད། བོད་ཟླ་དང་པོ་སྨོན་ལམ་ནང་བྱང་གཏེར་ཕུར་པའི་སྒྲུབ་ཆེན་བདུན་ཕྲག་གཅིག་དང་ ཟླ་བ་བཞི་པར་སྨྱུང་གནས་ཆ་བརྒྱད། ཟླ་བ་དྲུག་པར་གུ་རུ་ཆོས་དབང་ཟབ་གཏེར་བླ་མ་གསང་འདུས་སྒོ་ནས་ཚེས་བཅུ་ཆེན་མོ་གར་འཆམ་རྒྱས་པ་བདུན་ཕྲག་གཅིག ཟླ་བ་དགུ་པར་གཤིན་རྗེ་ཚེ་བདག་གཏོར་ཟློག་དགུ་གཏོར་སྐུ་འཆམ་རྒྱས་པ་གནང་བཞིན་ཡོད། ད་ལྟ་བླ་གྲྭ་ལྔ་བཅུ་བཞུགས་ཡོད།

{{#arraymap:རི་ཤུལ་དགོན་

|; |@@@ | | }}