74210
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔོ་བྱ་རྐང་ལ་རི་རྒོད་ངོགས་སུ་སྐྱེས་པ་རྒོད་པ་དང་། འཚེར་ས་དང་མུ་འགྲམས་སུ་སྐྱེས་པའི་གཡུང་བ་གཉིས་ཡོད་ལ། རྩ་བ་རྫ་མདོག་ལ་རྩ་ཕྲན་ཡོད་པ། སྡོང་པོ་སྔོ་སྐྱ་ཕྲ་བ་སྤུ་དཀར་ཐུང་ལ་འཇམ་པ། སྡོང་པོའི་སྟོད་ཆ་ནས་ཡལ་ག་རེ་གཉིས་གྱེས་པ། ལོ་མ་སྔོ་ལྗང་སྒོར་བ་མཁལ་མའི་དབྱིབས་འདྲ། མེ་ཏོག་སྔོན་པོ་བྱའི་རྐང་པ་འདྲ་བ་ཡལ་ག་དང་སྡོང་པོའི་རྩེར་འཆར་ལ་ནང་དུ་ཡོད་པའི་ཟེའུ་འབྲུ་སྔོ་ནག་ཡིན་ཞིང་སྨིན་ནས་སེར་ནག་མང་པོ་ཡོད། ནུས་པ་བསིལ་བས་ཚ་ནད་འཁྲུ་བ་དང༌། རྨ་ལ་ཆུ་སེར་འཁོར་བ། ཤིག་ནད་སོགས་ལ་ཕན། |