74214
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ཤར་དུ་རི་སྒོ་དོད་ན་ཐབ་དང་ཡིག་ཚང་འཆོར། ལྷོར་རི་སྒོ་དོད་ན་སྐྱེས་དར་མ་ངན། ནུབ་ཏུ་རི་སྒོ་དོད་ན་སྐྱེས་པ་བྱིས་བུ་འཆི། བྱང་དུ་རི་སྒོ་དོད་ན་རྩིག་རྨང་བུ་རོས་འགེང༌། བྱང་ཤར་དུ་རི་སྒོ་དོད་ན་བག་མའི་སྲོག་ལ་ངན། ཤར་ལྷོར་རི་སྒོ་དོད་ན་བུ་སྲིང་མགོ་ནས་འཆི། ལྷོ་ནུབ་ཏུ་རི་སྒོ་དོད་ན་ཕོ་མོ་ལ་ཟླ་བྲལ་འོང༌། ནུབ་བྱང་དུ་རི་སྒོ་དོད་ན་ཆུང་མ་གདོན་དུ་འགྱུར་བའོ། ། |
Domain | ཆོས་ལུགས། |
{{#arraymap:རི་སྒོ་དོད་པའི་ཕྱོགས་ཀྱི་ཉེས་པ་བརྒྱད་
|; |@@@ | | }}