From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རིག་གནས་ (1)
| Part of speech
|
མིང་ཚིག
|
| Definition
|
རིག་པའི་གནས་ཞེས་པའི་ཚིག་བསྡུས་པ་སྟེ། རིག་གནས་ཆུང་བ་ལྔ་དང་། རིག་གནས་ཆེ་བ་ལྔ་བཅས་རིག་པའི་གནས་བཅུ་ལ་གོ །
|
| Example
|
བོད་ཀྱི་རིག་གནས་ཆ་རྒྱུས་ཅུང་ཟད་ཅིག་ཡོད་ཅེས་པ་ལྟ་བུ།
|
རིག་གནས་ (2)
| Part of speech
|
མིང་ཚིག
|
| Definition
|
ཆབ་སྲིད་དང་། དཔལ་འབྱོར། རིག་གནས་གསུམ་གྱི་ནང་གི་རིག་གནས་ནི། སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ནང་དུ་མིའི་རིགས་ཀྱིས་གསར་དུ་བསྐྲུན་པའི་དངོས་རྫས་ཀྱི་ལོངས་སྤྱོད་དང་། སློབ་གསོ་དང་ཚན་རིག རྩོམ་རིག སྒྱུ་རྩལ་སོགས་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་འདུས་ལ་ཟེར།
|
| Example
|
དེང་སྐབས་ཉིན་རེ་བཞིན་རིག་གནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་ཅེས་པ་ལྟ་བུ།
|
རིག་གནས་ (3)
| Part of speech
|
མིང་ཚིག
|
| Definition
|
ཡི་གེ་དང་བརྡ་སྤྲོད་ཀྱི་ཤེས་ཡོན་སོགས་ལ་གོ །
|
| Example
|
རིག་གནས་མ་ཤེས་ན་དཀའ་ཞེས་པ་ལྟ་བུ།
|