74261
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་པའི་སྟོད་དུ་པུ་རངས་སུ་ཡབ་སྐྱིད་ལྡེ་ཉི་མ་མགོན་དང་། ཡུམ་ཅོག་རོ་བཟའ་ཟངས་ཁ་མ་གཉིས་ཀྱི་སྲས་སུ་འཁྲུངས། མངའ་རིས་མང་ཡུལ་དང་། འབངས་གཞུ་ནག་བཙན། ཤར་རུ་ཐོག གསེར་ཁ་གོག་ལད་ཀྱི་བདེ་མཆོག་དཀར་པོ། མཚམས་ཀྱི་ར་བ་དམར་པོ། ཝམ་ལེ་ཡི་མིག་ཕ་བོང་གཡག་ལྡེར་རྡོ་བུག་པ་ཅན་ཡན་ཆད། བྱང་གསེར་ཁ་འགོག་པོ། ནུབ་ཁ་ཆེའི་ལ་བཅས་ལ་གཏོགས་པ་རྣམས་ལ་དབང་བསྒྱུར་ནས་ཆབ་སྲིད་བསྐྱངས། བཙུན་མོ་ཞིག་ཁབ་ཏུ་བཞེས་ཏེ་རིགས་སྲས་འགྲོ་མགོན་དང་། ཆོས་མགོན་གཉིས་ཀྱི་འཁྲུངས། རྒྱལ་རབས་གསེར་གྱི་ཕྲེང་བ་དང་། ལ་དྭགས་རྒྱལ་རབས་གཙོ་བོར་བཟུང་ནས་བཀོད་པ་ཡིན། བོད་ཀྱི་ལོ་རྒྱུས་སྟེང་དུ་གྲགས་པའི་སྟོད་ཀྱི་མགོན་གསུམ་ནང་གི་ཡ་གྱལ་ཞིིག་ཡིན། |
{{#arraymap:རིག་པ་མགོན་
|; |@@@ | | }}