74297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་པའི་གནས་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition མཛོད་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། ༡ རོལ་མོ། ༢ འཁྲིག་ཐབས། ༣ འཚོ་ཚིས། ༤ གྲངས་ཅན། ༥ སྒྲ། ༦ གསོ་དཔྱད། ༧ ཆོས་ལུགས་དང། ༨ བཟོ་བོ། ༩ འཕོང་དཔྱད། ༡༠ གཏན་ཚིགས། ༡༡ རྣལ་འབྱོར། ༡༢ ཐོས་པ། ༡༣ དྲན་པ། ༡༤ སྐར་མའི་དཔྱད། ༡༥ རྩིས། ༡༦ མིག་འཕྲུལ། ༡༧ སྔོན་རབས། ༡༨ སྔོན་བྱུང་བརྗོད་པ།

{{#arraymap:རིག་པའི་གནས་བཅོ་བརྒྱད་

|; |@@@ | | }}

རིག་པའི་གནས་བཅོ་བརྒྱད་ (2)
Part of speech མིང་ཚིག
Definition དུས་འཁོར་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། ༡ ཚོང་པ། ༢ རྫ་མཁན། ༣ འཕྲེང་རྒྱུད་མཁན། ༤ ཆང་མ། ༥ ཕྱུགས་རྫི། ༦ འབྲེག་མཁན། ༧ འབྲུ་མར་མཁན། ༨ ཕྱྭ་མཁན། ༩ མགར་བ། ༡༠ ཤིང་མཁན། ༡༡ འཐག་མཁན། ༡༢ ཀོ་ལྤགས་མཁན། ༡༣ ཉ་པ། ༡༤ བཙོ་ལག་མཁན། ༡༥ སྨྱུག་མ་མཁན། ༡༦ ཤན་པ། ༡༧ གཤེད་མ། ༡༨ ཤིང་རྟ་མཁན།

{{#arraymap:རིག་པའི་གནས་བཅོ་བརྒྱད་

|; |@@@ | | }}

རིག་པའི་གནས་བཅོ་བརྒྱད་ (3)
Part of speech མིང་ཚིག
Definition འདུལ་བ་ལུང་ལས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། ༡ གསང་སྔགས་ཀྱི་རྒྱུད། ༢ ཆོ་ག་ཞིབ་མོ། ༣ གཏན་ཚིགས་རིག་པ། ༤ རིག་བྱེད། ༥ བརྡ་སྤྲོད། ༦ སྒྲ་ངེས་སྦྱོར། ༧ ཤེས་གསལ། ༨ ངེས་ཚིག ༩ སྡེབ་སྦྱོར་མཁས་པ། ༡༠ སྐར་མའི་རིག་པ། ༡༡ རྟོགས་བྱེད་ཀྱི་རིག་པ། ༡༢ ཆུར་ལྷུང་གི་རིགས་པ། ༡༣ ཆེར་སྤྱོད་ཀྱི་རིག་པ། ༡༤ འཇིག་རྟེན་རྒྱང་འཕེན་པའི་རིག་པ། ༡༥ བྱེ་བྲག་པའི་རིག་པ། ༡༦ རྒྱུད་དྲུག་ཅུ་པ། ༡༧ ཁྱུར་མིད་ཀྱི་རིག་པ། ༡༨ གནས་འདུག་གི་རིག་པ།

{{#arraymap:རིག་པའི་གནས་བཅོ་བརྒྱད་

|; |@@@ | | }}

རིག་པའི་གནས་བཅོ་བརྒྱད་ (4)
Part of speech མིང་ཚིག
Definition ཀློང་རྡོལ་བླ་མའི་གསུང་ནས་གསུངས་པའི་རིག་གནས་བཅོ་བརྒྱད་དེ། ༡ འཇིག་རྟེན་ཤེས་པས་བཟོ་རིག་པ་ཤེས་པ། ༢ ཟས་ཀྱི་ཚད་དང་ཕན་གནོད་ཤེས་པས་གསོ་བ་རིག་པ་ཤེས་པ། ༣ བྱཱ་ཀ་ར་ཎ་སྡེ་བརྒྱད་སོགས་ཤེས་པས་སྒྲ་རིག་པ་ཤེས་པ། ༤ རྟག་ཆད་སྒྲོ་སྐུར་ཤེས་པས་ཚད་མ་རིག་པ་ཤེས་པ། ༥ གནས་མཐོ་དམན་ཤེས་པས་ཕྱི་སྣོད་ཀྱི་འཇིག་རྟེན་རིག་པ་ཤེས་པ། ༦ འགྲོ་བ་རིགས་དྲུག་གི་མཚན་ཉིད་ཤེས་པས་ནང་བཅུད་ཀྱི་སེམས་ཅན་རིག་པ་ཤེས་པ། ༧ མཐོ་རིས་དང་ངན་འགྲོ་ཤེས་པས་ལས་རིག་པ་ཤེས་པ། ༨ རང་གཞན་གྱི་ལུས་ལེན་པ་སོགས་གང་དུ་སྐྱེ་བའི་བདེ་སྡུག་ཤེས་པས་སྐྱེ་གནས་རིག་པ་ཤེས་པ། ༩ ཚེ་སྔ་ཕྱི་བར་གསུམ་ཤེས་པས་དུས་རིག་པ་ཤེས་པ། ༡༠ རྟག་འཛིན་གྱི་སྐྱོན་ཤེས་པས་འཆི་བ་རིག་པ་ཤེས་པ། ༡༡ དབང་པོ་རབ་འབྲིང་ཐ་གསུམ་ཤེས་པས་ཤེས་རབ་རིག་པ་ཤེས་པ། ༡༢ གཞན་གྱི་བསམ་པ་ཤེས་པས་ཡིད་རིག་པ་ཤེས་པ། ༡༣ ཁམས་ཐམས་ཅད་འབྱུང་བ་ལྔར་ཤེས་པས་སྐྱེ་བ་རིག་པ་ཤེས་པ། འདི་ལ་ཁམས་རིག་པ་ཟེར་བའང་ཡོད། ༡༤ གཟུགས་སོགས་ཡུལ་དྲུག་སེམས་སུ་ཤེས་པས་ཡུལ་རིག་པ་ཤེས་པ། ༡༥ ཐམས་ཅད་བྱིན་གྱིས་བརླབས་པར་ནུས་པས་སྔགས་རིག་པ་ཤེས་པ། ༡༦ རྫས་ཐམས་ཅད་བདུད་རྩིར་ཤེས་པས་སྨན་རིག་པ་ཤེས་པ། ༡༧ ཐེག་པ་གསུམ་གྱི་ལམ་བཅོ་ལྔ་ཤེས་པས་ཆོས་རིག་པ་ཤེས་པ། ༡༨ འཁོར་འདས་གཅིག་ཏུ་ཤེས་པས་བྱང་ཆུབ་རིག་པའོ། །

{{#arraymap:རིག་པའི་གནས་བཅོ་བརྒྱད་

|; |@@@ | | }}

རིག་པའི་གནས་བཅོ་བརྒྱད་ (5)
Part of speech མིང་ཚིག
Definition སྐྱེས་རབས་རྒྱ་ཆེར་འགྲེལ་དུ། ༡ རོལ་མོ། ༢ འཁྲིག་ཐབས། ༣ འཚོ་ཚིས། ༤ གྲངས་ཅན། ༥ སྒྲ། ༦ གསོ་བའི་དཔྱད། ༧ བཟོ། ༨ འཕོང་དཔྱད། ༩ གཏན་ཚིགས་ཀྱི་སྦྱོར་བ། ༡༠ རྣལ་འབྱོར། ༡༡ ཐོས་ཤིང་དྲན་པ། ༡༢ སྐར་མའི་དཔྱད། ༡༣ རྩིས། ༡༤ མིག་འཕྲུལ། ༡༥ སྔོན་གྱི་རབས། ༡༦ དེ་བཞིན་དུ་བྱེ་བྲག་པ་དང༌། ༡༧ དེ་བཞིན་གྱི་ཕྲེང་བ། ༡༨ རིག་པའི་བསྟན་བཅོས་ཡོངས་སུ་བཏགས་པའོ། །

{{#arraymap:རིག་པའི་གནས་བཅོ་བརྒྱད་

|; |@@@ | | }}