74300
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རིག་པའི་གསུང་ནི། སྤར་ཁབ་ལས། རིག་པའི་གསུང་མངའ་བར་བསྟན་པའི་ཕྱིར། ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། །གསལ་ཉིད་གསུང་གི་རྡོ་རྗེ་མཆོག ། ཅེས་གསུངས་ཏེ། རིག་པའི་གསུང་ནི་རིག་པ་ཁོ་ནའི་ཕྱིར། ཡི་གེ་དང་བྲལ་བ་ཉིད་པས་སྒྲས་བརྗོད་དུ་མེད་པའོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:རིག་པའི་གསུང་
|; |@@@ | | }}