74312

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་པའི་འོག་མིན་ (1)
Part of speech མིང་ཚིག
Definition སྔགས། རྙིང་མ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། རིག་པའི་འོག་མིན་ནི་ཡུམ་གྱི་བྷ་ག་ལྷ་ཐམས་ཅད་ཀྱི་འབྱུང་གནས། མངལ་གྱི་སྐྱེ་གནས་པ་ཐམས་ཅད་སྐྱེས་ཏེ། ཡུམ་གྱི་པདྨ་ལ་ཤེས་པར་བྱའོ། །དེར་བཞུགས་པའི་དཀྱིལ་འཁོར་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡི་གེ་ཐམས་ཅད་སངས་རྒྱས་པའི་འབྲས་བུ་ལྷག་པའི་བྱང་ཆུབ་སེམས་སུ་རིག་པའི་གསང་བའི་དཀྱིལ་འཁོར་ལ་ཤེས་པར་བྱ་སྟེ། ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། རིག་པའི་འོག་མིན་ནི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་རིག་པའི་ཡེ་ཤེས་ཏེ། དག་པ་གཉིས་ལྡན་གྱི་ཆོས་སྐུའི་བཞུགས་གནས་ཡིན་ཞིང་དེའི་གོང་ན་རིག་པ་གཞན་མེད་པའི་ཕྱིར་རོ། །ཞེེས་གསུངས། འོག་མིན་བདུན་གྱི་སྐབས་སུའང་གཟིགས།
Domain [ཆོས་ལུགས།, ལྟ་གྲུབ།]