74320

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་པའི་ལྷ་མོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་ཡེ་སངས་ལྕམ་བརྒྱད་ཀྱི་ནང་ཚན་ཡིན། མཚན་གཞན་ལ་གཟུགས་ཀྱི་ལྷ་མོ་ཞེས་གསལ། གནས་ནི་དཀྱིལ་འཁོར་ཤར་ཕྱོགས་གླིང་ཆེན་རབ་འབྱམས་ཀྱི་ནུབ་ཕྱོགས་ལ། གདན་ནི་པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དམར་མོ་རྒྱན་དང་ལྡན་པ་དབུ་ལ་བྱི་རུའི་ཐོར་གཙུག་ཅན། སྐུ་ལ་རིན་ཆེན་ན་བཟའ་ལ་མེ་ཏོག་པད་མས་བརྒྱན་པ་གསོལ་བ། ཕྱག་མཚན་ཡེ་ཤེས་ཞུགས་མར་བསྣམས་སོ། །ཕྲིན་ལས་ནི། གསལ་བའི་སྒྲོན་མེས་མ་རིག་མུན་པ་སེལ་བར་མཛད་པའོ། །ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་ས་ལེ་སང་ངེ་འདུ་འདུ་ར། ཞེས་པའམ་ར་ཡིག་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། ས་ལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། སང་ངེ་ནི་ཤེས་རབ། ར་ཡིག་ནི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །ཡིག་འབྲུའི་གནས་ཡུལ་ནི། པུར་ལོང་ཞེས་པ་ཞང་སྐད་དེ་མིག་གམ་མིག་རྩ་ལ་གནས་སོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཀུན་རིག་གསལ་བའི་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྱུ་མ་ཟས་སུ་འཁྲུལ་ལ། གྲོལ་ན་ཐིག་ལེ་དབྱིངས་གསལ་ངང་དུ་མུན་སེལ་སྒྲོན་མ་དང་གཉིས་མེད་དུ་འགྱུར་ལ་མ་གྲོལ་ན་ཆུ་བུར་མིག་ཏུ་ཤར་བར་གསུངས་སོ། །ཞི་རྒྱུད་ནང་ལྷ་ཚོགས་ཀྱི་སྐུ་བསྟོད་སྐབས་སུ། འདི་ལ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་མ་གསལ་ཡང་གསང་འདུས་དང་ཐོས་གྲོལ་གཉིས་ལས། ཡེ་གཤེན་སེམས་དཔའ་བརྒྱད་ཀྱི་ནང་གསེས་ཐང་མ་མེ་སྒྲོན་གྱི་ཕྱག་རྒྱའི་ཡུམ་ཡིན་པར་གསུངས་སོ། །
Domain ཆོས་ལུགས།