74370
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིག་འཛིན་གྱི་རྒྱལ་པོ་ཀུན་ཛ་རའང་ཟེར། སྟོན་པ་ཤཱཀྱ་ཐུབ་པའི་ཉེ་གནས་ཀུན་དགའ་བོ་ཡིན། མདོ་དགོངས་པ་འདུས་པའི་ལེའུ་གཉིས་པར་གསལ་བ་ལྟར། སྟོན་པ་བཅོམ་ལྡན་འདས་དགུང་ལོ་གྱ་གཉིས་པར་གྲོང་ཁྱེར་ཡངས་པ་ཅན་དུ་མྱ་ངན་ལས་འདའ་བར་བཞེད་སྐབས་དྲི་བ་ལྔའི་སྒོ་ནས་མ་འོངས་པར་ངེས་དོན་གྱི་ཐེག་པ་ཇི་ལྟར་འབྱུང་མིན་སྐོར་ལུང་བསྟན་ཞུ་བ་པོ་སྟེ། དེ་ནི་ཐུན་མོང་ལྟར་ན་ཀུན་དགའ་བོ། ཐུན་མིན་ལྟར་ན་གསང་བདག་ཕྱག་ན་རྡོ་རྗེ་ཡིན་པར་བཞེད། དེས་ན་མདོ་དགོངས་པ་འདུས་པའི་རྩ་རྒྱུད་ལེའུ་གཉིས་པ་གདམས་ངག་ངེས་པར་གཞག་པའི་ལེའུ་དེ་ཉིད་སྟོན་པ་དང་རིག་འཛིན་འདིས་ཞུས་ལན་ལས་བྱུང་བ་ཡིན་ནོ། ། |