74378
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རྒྱུས། རིག་འཛིན་ཆེན་པོ་དགུ་ནི། མ་ཧཱ་ཡོ་གའི་ཆོས་སྐོར་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི་བཀའ་བབས་པའི་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་དེ། འཇམ་དཔལ་སྐུ་ཡི་བཀའ་བབས་སློབ་དཔོན་མཉྫུཤྲཱིམིཏྲ་འམ་འཇམ་དཔལ་བཤེས་གཉེན། པདྨ་གསུང་གི་བཀའ་བབས་སློབ་དཔོན་ནཱགཱརྫུནགརྦྷ། ཡང་དག་ཐུགས་ཀྱི་བཀའ་བབས་སློབ་དཔོན་ཧཱུྃཀར། ཆེ་མཆོག་ཡོན་ཏན་གྱི་བཀའ་བབས་སློབ་དཔོན་བིམལམིཏྲ། ཕྲིན་ལས་ཕུར་པའི་བཀའ་བབས་སློབ་དཔོན་པདྨསམྦྷཝ། མ་མོ་རྦོད་གཏོད་གི་བཀའ་བབས་སློབ་དཔོན་དྷནསཾསྐྲྀཏ། དམོད་པ་དྲག་སྔགས་ཀྱི་བཀའ་བབས་སློབ་དཔོན་ཤཱནྟིཾགརྦྷ། འཇིག་རྟེན་མཆོད་བསྟོད་ཀྱི་བཀའ་བབས་སློབ་དཔོན་རམྦུགུཧྱདེཝཙནྡྲ་བཅས་བརྒྱད་དང་། ཡང་ལོ་རྒྱུས་གཞན་དུ། ཕྲིན་ལས་ཕུར་པའི་བཀའ་བབས་སློབ་དཔོན་པྲབྷཱཧསྟི་དང་། རིན་ཆེན་སྣ་ལྔའི་སྒྲོམ་བུ་བཀའ་བརྒྱད་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཆོས་སྐོར་གྱི་བཀའ་བབས་སློབ་དཔོན་པདྨསམྦྷཝ་བཅས། རིག་འཛིན་ཆེན་པོ་དགུའི་བཀའ་བབས་ཀྱི་ལོ་རྒྱུས་ཀྱང་འབྱུང་། |