74381

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་འཛིན་ཆོས་རྒྱལ་གླིང་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་ཕྱི་ལོ་ ༡༦༥༠ ལོར་ཡུལ་ལྕགས་མོ་རོང་དུ་ཡབ་བསྐལ་རིག་དང་ཡུམ་རྒྱལ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། གཞོན་ནུའི་དུས་ནས་འཕགས་པའི་རིགས་སད་དེ་སྣང་བ་བདེན་མེད་སྒྱུ་མར་རྟོགས་པའི་གྲུབ་རྟགས་རྡོ་ལ་སྐུ་རྗེས་དང་ཞབས་རྗེས་བཞག་པ། རི་བྲག་ལ་ཟངས་ཐལ་དུ་གཤེགས་པ། མཁའ་ལ་བྱ་ལྟར་འཕུར་བ་སོགས་སོ་སྐྱེས་ཀྱི་བློ་ལས་འདས་པའི་རྫུ་འཕྲུལ་སྟོན། དག་པའི་སྣང་བ་འབྱམས་ཀླས་ཤིང་གུ་རུ་མཚོ་སྐྱེ་སྐྱེས་རྡོ་རྗེའི་ཞལ་དངོས་སུ་མཇལ་ཏེ་བུམ་ཆུས་སྐུ་ཁྲུས་གསོལ་བ་དང༌། དྲིལ་བུ་བཀྲོལ་དཀྲོལ་བའི་སྒྲས་ནམ་མཁའ་ཁྱབ་པར་མཛད་ཅིང་མཚན་རིག་འཛིན་ཆོས་རྒྱལ་གླིང་པ་གསོལ། གནས་མཆོག་དུ་མ་ནས་བླ་རྫོགས་ཐུགས་གསུམ་གཙོས་གཏེར་པོད་བཅུ་ཕྲག་ལྷག་ཙམ་སྤྱན་དྲངས། རིག་འཛིན་ཀློང་གསལ་སྙིང་པོར་བསྙེན་ཏེ་ཐུན་མིན་གྱི་བླ་མར་བཀུར། ཉག་ཡུལ་དུ་གུ་རུ་སྐུ་ཚབ་སྡེ་ལྔ་བཞེངས་པའི་བསྐུལ་མ་དང་བདག་རྐྱེན་བསྒྲུབས། ཟབ་ཆོས་སྨིན་གྲོལ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། གཏེར་སློབ་བཞིའི་ཡ་གྱལ་ཤར་གཏེར་བསྟན་པའི་བདག་པོར་མངའ་གསོལ། རྡོ་རྗེ་སྙིང་པོའི་ཆོས་བཀའ་ཡོངས་རྫོགས་གཏད་རྒྱ་མཛད་དེ་རྒྱལ་ཚབ་ཏུ་བསྐོས་པས་ཟབ་ཆོས་འདི་ཁམས་ཕྱོགས་ཡུལ་གྲུ་ཀུན་ལ་སྤེལ་བའི་བཀའ་དྲིན་ཆེ། གདུང་སྲས་མདོ་སྔགས་རྒྱ་མཚོ་ཡང་རིག་འཛིན་བསོད་ནམས་ལྡེའུ་བཙན་གྱི་དངོས་སློབ་ཡིན་པ་དང༌། དྲི་མེད་ཞིང་སྐྱོང་མགོན་པོ་ལས་ནོར་བུ་རྒྱ་མཚོའི་བཀའ་གཏེར་དུ་མ་ཞུས་ཏེ་ཀཿཐོག་པའི་ཕྱག་བཞེས་དར་སྤེལ་མཛད། རོང་ཐ་སྟོབས་རྒྱལ་མདུན་ནས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་བླ་མ་ཀུན་འདུས་སོགས་ཆོས་གླིང་ཟབ་གཏེར་སྐོར་དུ་མ་དང་ཡང་ཟབ་ཁྲིད་བཅས་ཞུས། སི་ཏུ་རིན་པོ་ཆེ་ལས་མཆོག་སྤྲུལ་འཇམ་དབྱངས་བློ་གསལ་རྡོ་རྗེས་བདུད་འདུལ་དང་ཀློང་གསལ་སོགས་སྨིན་གྲལ་རྒྱ་མཚོ་ལྟ་བུ་ནོས་པ་སོགས་མདོར་ན་རིག་འཛིན་ཆེན་པོ་འདི་གདུང་བརྒྱུད་དང་སློབ་བརྒྱུད་ཀུན་ཤར་ཀཿཐོག་པ་ལས་འབྲེལ་བ་དམ་པོར་ལྡན་པ་ཤ་སྟག་བྱུང༌། དགོན་པའི་གཙོ་བོ་བདེ་ཆ་ལས་གྱེས་པའི་བུ་དགོན་སྔོན་དུས་ལྔ་བཅུ་ཙམ་ཡོད་པ་དེང་སང་ཡང་བཅུ་ཕྲག་གསུམ་ཙམ་བཞུགས་པ་དེ་དག་ཀྱང་ཀཿཐོག་པའི་ཕྱག་སྲོལ་ཆོ་ག་ཕྲིན་སྒྲུབ་འཁྲུལ་མེད་གནང་བཞིན་པའོ། །

{{#arraymap:རིག་འཛིན་ཆོས་རྒྱལ་གླིང་པ་

|; |@@@ | | }}