74384
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རྨོག་རྩ་ནང་ཤེ་པོ་ཚང་གི་གདུང་ལས་འཁྲུངས། སྐུ་ཆུང་དུས་ནས་ནང་འཁྲུག་ཞིག་གི་རྐྱེན་ལས་འབྲི་ཆུ་གྲིས་གཏུབ་པ་ལྟར་བཅད་ནས་ཀཿཐོག་ཏུ་ཕེབས། རྗེ་དབོན་བཀྲ་ཤིས་ཕུན་ཚོགས་དང༌། སྦྲ་མགོ་བ་བརྩོན་འགྲུས་རྒྱ་མཚོ། དྲི་མེད་ཞིང་སྐྱོང་མགོན་པོ་སོགས་བླ་མར་བསྟེན། སྤྲོས་མེད་འཁྲུལ་ཞིག་བརྟུལ་ཞུགས་དྲག་ཤུལ་གྱི་སྤྱོད་པ་མི་དང་མི་མིན་གྱི་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པས་གདུལ་བྱ་རྣམས་ངོ་མཚར་བའི་གནས་ལ་བཀོད། མཁའ་འགྲོ་བཀའ་བརྒྱད་སོགས་ཆོས་གཏེར་དང་བཀའ་བརྒྱད་བུམ་སྐུ་སོགས་ངོ་མཚར་ཅན་གྱི་རྟེན་གསུམ་དང༌། རྫ་རྒྱུད་ཀྱི་གནས་ཨ་དོས་ནས་གསེར་བུམ་པ་གང་གཏེར་དུ་བཞེས་ནས་ཀཿཐོག་སྐུ་འབུམ་དུ་རྗེ་ཡབ་སྲས་གསུམ་དང་འབུམ་པ་རྣམ་གསུམ་གྱི་གདུང་འབུམ་ལ་གསེར་བ་ཀོ་སྲབ་མཐུག་ཡོད་པ་བྱུགས་ནས་ཉམས་གསོ་མཛད། ཤར་ཉག་རོང་དུ་དྷཱ་ཀི་དྲུག་གིས་བསྟོད་པ་འབུལ་བའི་རྟེན་འབྲེལ་ལས་དགོན་པ་གསར་དུ་བཏབཔས་མིང་ཡང་དེ་སྐད་ཐོགས། མཐུ་སྟོབས་དང་ནུས་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་བྱོན་པའོ། ། |