From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རིག་འཛིན་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། རྣམ་པར་སྨིན་པའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། ཕྱག་རྒྱ་ཆེ་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་ཏེ། སེམས་ཉིད་ལྷ་སྐུར་སྨིན་ཡང་། རྣམ་སྨིན་ལུས་རྒྱ་ལས་མ་གྲོལ་བ་རྣམ་སྨིན་རིག་འཛིན། སྐྱེ་འཆི་མེད་པ་ཚེ་དབང་རིག་འཛིན། ཕྱག་རྒྱ་ཆེན་པོའི་ལྷའི་སྐུར་གྱུར་པ་ཕྱག་ཆེན་རིག་འཛིན། དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་མཛད་པ་ལྷུན་གྲུབ་རིག་འཛིན་ནོ། །
|
| Domain
|
ཆོས་ལུགས།
|
རིག་འཛིན་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། མོས་པ་སྤྱོད་པའི་རིག་འཛིན། སར་ཆུད་པའི་རིག་འཛིན། ས་ལ་གནས་པའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན། ཞེས་ཀྱང་གསུངས་སོ། །
|