74536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་པ་མ་ཡིན་པས་བསྐྱེད་པའི་ལས་ (1)
Part of speech མིང་ཚིག
Definition ལས་ཉོན་མོངས་ཅན་རྣམས་ཏེ། མི་དགེ་བ་རང་བཞིན་གྱིས་ཁ་ན་མ་ཐོ་པ་དང་བསྒྲིབས་ལ་ལུང་མ་བསྟན་ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པས་སྐྱེད་པའི་ཕྱིར་རོ། །གཞན་དག་ན་རེ། ཆོ་ག་ཉམས་པ་ལས་ཡང་བསྐྱེད་པ་ཡིན་ཏེ། གང་གིས་ཇི་ལྟར་འགྲོ་བར་བྱ་བ་དང་གནས་པར་བྱ་བ་དང་། བཟའ་བར་བྱ་བ་དང་། བགོ་བར་བྱ་བ་དང་། དེ་ལ་སོགས་པ་དེ་གཞན་དུ་བྱེད་ན་དེ་ནི་རིགས་པ་མ་ཡིན་པས་བྱེད་པའི་ཕྱིར་རིགས་པ་མ་ཡིན་པས་སྐྱེད་པ་ཞེས་འདོད་དོ། །
Domain ཆོས་ལུགས།