74544

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་དུལ་བའི་ལྷས་མཛད་པའི་རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་ཚད་མ་ཚ་པར་བཞུགས།
རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་ (2)
Part of speech མིང་ཚིག
Definition སློབ་དཔོན་ཆོས་མཆོག་གིས་མཛད་པའི་རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སླད་ཀྱིས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་ཚད་མ་ཚ་པར་བཞུགས།