From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རིགས་བརྗོད་ཀྱི་སྒྲ་ (1)
| Part of speech
|
མིང་ཚིག
|
| Definition
|
རང་གི་བྱེ་བྲག་གི་རིགས་དེའི་སྤྱི་ཡིན་པའི་ཆོས་གང་ཡང་རུང་བ་ཞིག་བརྗོད་བྱར་བྱེད་པའི་ཉན་བྱ་དེ་ལ་རིགས་བརྗོད་ཀྱི་སྒྲ་ཞེས་བྱ་སྟེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། རང་ལུགས་ནི། རིགས་རྗོད་ཀྱི་ཉན་བྱ། རིགས་རྗོད་ཀྱི་སྒྲའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།
|
| Domain
|
ཚད་མ།
|
རིགས་བརྗོད་ཀྱི་སྒྲ་ (2)
| Part of speech
|
མིང་ཚིག
|
| Definition
|
རང་གི་དངོས་ཀྱི་བརྗོད་བྱ་ཡིན་ན་སྤྱི་ཡིན་དགོས་པ་དེ་ལའང་རིགས་རྗོད་ཀྱི་སྒྲ་ཞེས་བྱ་སྟེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། རྗོད་བྱེད་ལ་བརྗོད་བྱའི་སྒོ་ནས་དབྱེ་ན། རིགས་བརྗོད་ཀྱི་སྒྲ་དང་། ཚོགས་བརྗོད་ཀྱི་སྒྲ་གཉིས། དང་པོའི་མཚན་ཉིད། ཚིག་རང་གིས་དངོས་སུ་ཟིན་པར་བསྟན་པའི་སྒྲའི་བརྗོད་བྱ་ཡིན་ན་སྤྱི་ཡིན་པ།
|
| Example
|
གཟུགས་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།
|