74594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་མཐུན་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་ཉེར་གཅིག་པ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། རབ་དཀར་མཉེན་འཇམ་ཆུ་སྐྱེས་དབུས་བཞུགས་པས། །མེས་པོ་གསེར་མངལ་ཅན་དང་རིགས་སུ་མཐུན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག
རིགས་མཐུན་ (2)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་པའི་བཅུ་བདུན་པ་འདྲ་བའི་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། འགྲོ་ལ་རྗེས་སུ་ཆགས་པའི་ཟུར་མིག་གིས། །དབྱངས་ལྡན་སྣང་བྱེད་དག་དང་རིགས་སུ་མཐུན། །ཞེས་པ་ལྟ་བུའོ། །(སྣང་བྱེད་སྤྱན་ཡིན། )
རིགས་མཐུན་ (3)
Part of speech མཚུངས་ཚིག
Definition རིགས་གཅིག་པ་ལ་ཟེར། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ཉིད་ལ་དམིགས་ནས་རིགས་གཅིག་ཏུ་འཛིན་པའི་བློ་དོན་མཐུན་སྐྱེ་བའི་སྒོ་ནས་འཇོག་ལ། མཚན་གཞི་ནི། བ་ལང་དཀར་ཟལ་དང་། ནག་སྒུར་གཉིས་ལྟ་བུ།
Domain ཚད་མ།