74615

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་འདྲ་ (1)
Part of speech མིང་ཚིག
Definition ཕན་ཚུན་གཉིས་ཀའི་བྱ་སྤྱོད་འདྲ་འདྲ་ཡིན་པའི་དོན་ཏེ།
Example མི་དེ་ཚོ་ཚང་མ་རིགས་འདྲ་ཡིན་པས་སུ་བཟང་སུ་ངན་བཤད་དཀའ་ཞེས་པ་ལྟ་བུ།
རིགས་འདྲ་ (2)
Part of speech མིང་ཚིག
Definition རིགས་འདྲ་དང་། རིགས་མཐུན། རིགས་གཅིག ལྡོག་པ་རིགས་གཅིག་རྣམས་དོན་གཅིག་ཡིན། རིགས་གཅིག་ཅེས་པ། གང་ཟག་སུས་ཀྱང་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་གཉིས་འདྲའོ་སྙམ་པའི་འདྲ་བློ་ངང་གིས་སྐྱེད་ནུས་པའི་ཆོས་གཉིས་ལ་ཟེར།
Example བ་ལང་དཀར་པོ་མཐོང་ནས་བ་ལང་ཡིན་པར་ཤེས་པའི་གང་ཟག་སུ་ཡིན་ཡང་བ་ལང་ནག་སྒུར་མཐོང་ཙམ་ཉིད་ནས་འདི་བ་ལང་ངོ་སྙམ་པའི་བློ་ངང་གིས་སྐྱེད་ནུས་པ་ལྟ་བུ་ཡིན།
Domain ཚད་མ།