74631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་རྒྱུད་ཅན་གྱི་གདུལ་བྱ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་མཚོན་པའི་ཚིག་བཞི་སྟོན་པའི་སྐབས་ཀྱི་གདུལ་བྱ་སྣོད་བཞིའི་ཡ་གྱལ་ཞིག་ཡིན། བྱང་ཆུབ་ཀྱི་སེམས་ངེས་པར་སྐྱེས་ཏེ་སྤྱོད་པ་བརྟུལ་ཕོད་པས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རིགས་རྒྱུད་ཅན་གྱི་སྣོད་དུ་ངེས་པའི་གདུལ་བྱ་ཡིན་ཕྱིར་རིགས་རྒྱུད་ཅན་གྱི་གདུལ་བྱ་ཞེས་བྱ། དེ་ནི་སྟོན་པ་ལོངས་སྐུའི་བསྟན་པ་ལྟར་ལྡེམ་དགོངས་སྦྱོར་བའི་ཚིག་ཀྲི་ཡོག་གི་ཐེག་པས་འདུལ་བར་བྱེད་པའོ། །
Domain ཆོས་ལུགས།