74642

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་ལྔ་ཡབ་ཡུམ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ལ་ཞི་ཁྲོ་གཉིས་ལས་ཞི་བ་ལྟར་ན། དེ་ལ་ཡང་ཕྱི་ནང་གཉིས་སྟེ། ཕྱི་ལྟར་ན། གསས་ཆེན་རིགས་ལྔ། ནང་ལྟར་ན་བདེར་གཤེགས་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅས་ཡིན་ལ། ཁྲོ་བོ་ལྟར་ན་མཁའ་འགྱིང་རིགས་ལྔ་ཡབ་ཡུམ་བཅས་སོ། །ཕྱི་མའི་རིགས་ལྔ་འདི་རྣམས་གསང་སྔགས་སྤྱི་སྤུངས་ཀྱི་ཡི་དམ་སྐུ་གསུང་ཐུགས་ཀྱི་ཁྲོ་བོའི་ལྷ་ཚོགས་གང་གི་གྲངས་སུ་ཡང་བགྲང་གི་ཡོད་དེ། དབལ་མོ་ལས་ཐིག་ལས། རིགས་ལྔ་ཁྲོ་བོ་ཡབ་ཡུམ་བཅུ། ཞེས་སོགས་གསུངས་པས་ངེས་སོ། །དེ་དག་རྒྱས་པར་གཞན་དུ་བཀོད་ཡོད་པས་དེར་གཟིགས་པར་འཚལ།
Domain ཆོས་ལུགས།