74655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་ལྡན་ཆོས་ཀྱི་རྒྱལ་པོ་ (1)
Part of speech མིང་ཚིག
Definition བྱང་ཤམྦྷ་ལའི་རྒྱལ་པོའི་སྤྱི་མིང་སྟེ། དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རྡོ་རྗེའི་རིགས་གཅིག་ཏུ་མཛད་ནས་དབང་བསྐུར་པས་རིགས་ལྡན་འཇམ་དཔལ་གྲགས་པ་ལ་རིགས་ལྡན་ཞེས་མཚན་གསོལ་བ་དེ་ནས་བཟུང་འཇམ་དབྱངས་སྤྲུལ་པ་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་བར་རིགས་ལྡན་ཉེར་ལྔ་བྱོན། རྒྱལ་པོ་དེ་དག་གི་སྐུ་ཚེའི་ཚད་ནི་རིགས་ལྡན་བཅུ་པ་བཅུ་གཅིག་གཉིས་བྱང་ཤམྦྷ་ལའི་ཁྲི་ལ་ལོ་བཞི་བརྒྱ་དང་གསུམ་བཞུགས་པ་མ་གཏོགས། རིགས་ལྡན་རྒྱལ་བ་ཐམས་ཅད་རྒྱལ་པོའི་ཁྲི་ལ་ལོ་བརྒྱ་རེ་བཞུགས་ནས་རང་གི་སྲས་ཁྲི་ལ་མངའ་གསོལ་བ་ཡིན་པས་རྒྱལ་པོ་དེ་དག་གི་སྐུ་ཚེའི་ཚད་ནི་ངེས་པ་མེད་པར་གྲགས་སོ། །
Domain ཆོས་ལུགས།