From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རིགས་ལྡན་ཉེར་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། ༡ རིགས་ལྡན་རྒྱལ་པོའི་ཐོག་མ་འཇམ་དཔལ་གྲགས་པ་འཁྲུངས། དྲང་སྲོང་ཉི་མའི་ཤིང་རྟ་སོགས་ལ་དུས་འཁོར་གྱི་དབང་བསྐུར་ཞིང༌། ལོ་བརྒྱར་ཆོས་བསྟན། ༢ རིགས་ལྡན་པད་མ་དཀར་པོས་འགྲེལ་ཆེན་དྲི་མེད་འོད་བརྩམས་ཤིང་ལོ་བརྒྱར་ཆོས་བསྟན། ༣ རིགས་ལྡན་བཟང་པོ། ༤ རིགས་ལྡན་རྣམ་རྒྱལ། ༥ རིགས་ལྡན་བཤེས་གཉེན་བཟང་པོ། ༦ རིགས་ལྡན་ཕྱག་དམར་རམ་རིན་ཆེན་ཕྱག ༧ རིགས་ལྡན་ཁྱབ་འཇུག་སྦས་པ། ༨ རིགས་ལྡན་ཉི་མ་གྲགས་པ། ༩ རིགས་ལྡན་ཤིན་ཏུ་བཟང༌། ༡༠ རིགས་ལྡན་རྒྱ་མཚོ་རྣམ་རྒྱལ། ༡༡ རིགས་ལྡན་རྒྱལ་དཀའ། ༡༢ རིགས་ལྡན་ཉི་མ། ༡༣ རིགས་ལྡན་སྣ་ཚོགས་གཟུགས། ༡༤ རིགས་ལྡན་ཟླ་བའི་འོད། ༡༥ རིགས་ལྡན་མཐའ་ཡས། ༡༦ རིགས་ལྡན་ས་སྐྱོང༌། ༡༧ རིགས་ལྡན་དཔལ་སྐྱོང༌། ༡༨ རིགས་ལྡན་སེང་གེ། ༡༩ རིགས་ལྡན་རྣམ་པར་གནོན། ༢༠ རིགས་ལྡན་སྟོབས་པོ་ཆེ། ༢༡ རིགས་ལྡན་མ་འགགས་པ། ༢༢ རིགས་ལྡན་མི་ཡི་སེང་གེ། ༢༣ རིགས་ལྡན་དབང་ཕྱུག་ཆེན་པོ། ༢༤ མཐའ་ཡས་རྣམ་རྒྱལ། ༢༥ རིགས་ལྡན་དྲག་པོ་འཁོར་ལོ་ཅན།
|
| Domain
|
ཆོས་ལུགས།
|
རིགས་ལྡན་ཉེར་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
འདས་ལོ་རྩི་བྱེད་ཅིག་སྟེ། རིགས་ལྡན་འཇམ་དཔལ་གྲགས་པ་ཞེས་པའི་ཁྲི་ལོ་དང་པོ་ཕྱི་ལོ་པའམ་ཤིང་སྤྲེལ་ནས་བརྩིས་པ་ཡིན་ལ། རིགས་ལྡན་གྱི་ལས་བྱེད་པའི་ལོ་ནི་ཤིང་བྱི་ལོའི་ནག་ཟླའི་ཚེས་བཅོ་ལྔའི་ཉིན་མཛད་པ་ཡིན། རྣམ་འགྲེལ་གསེར་ཤིང་ལས། ཤིང་སྤྲེ་ནས་འཇམ་དཔལ་གྱི་སྤྲུལ་པ་རིགས་ལྡན་གྲགས་པས་ལོ་བརྒྱའི་བར་དུ་རྩ་བའི་རྒྱུད་ཀྱི་ཆོས་བསྟན་པ་རྫོགས་མཐའ་སྟེ་མྱ་ངན་ལས་འདའ་བ་ལ་ཕྱོགས་པ་མིག་དམར་ཤིང་བྱིའི་ལོའི་ནག་པའི་ཉར་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བྱིན་ཏེ་མི་རིགས་བཞི་པོ་རྡོ་རྗེའི་རིགས་གཅིག་ཏུ་བཀས་བཅད། ཅེས་དང་། དེ་ཡང་ལོ་བརྒྱའི་བར་དུ་རིགས་ལྡན་མ་ཡིན་ཀྱང་རིགས་བཞི་རིགས་གཅིག་ཏུ་མཛད་པ་ནས་རིགས་ལྡན་དུ་གྱུར་པ་ཡིན་ནོ། །ཞེས་བྱུང་།
|
| Domain
|
རྩིས་རིག
|