74659

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་ལྡན་བརྒྱད་ (1)
Part of speech མིང་ཚིག
Definition ཤམ་བྷ་ལའི་རྒྱལ་པོ་བརྒྱད་ཀྱི་བསྡུས་མིང་སྟེ། རིགས་ལྡན་གཉིས་པ་པད་མ་དཀར་པོ་དང་། རིགས་ལྡན་གསུམ་པ་བཟང་བོ་དང་། རིགས་ལྡན་བཞི་པ་རྣམ་རྒྱལ། བཤེས་གཉེན་བཟང་བོ། ཕྱག་ན་རིན་ཆེན། ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། རིགས་ལྡན་དགུ་པ་ཤིན་ཏུ་བཟང་བོ་བཅས་བརྒྱད་དོ། །
Domain རྩིས་རིག
རིགས་ལྡན་བརྒྱད་ (2)
Part of speech མིང་ཚིག
Definition འདས་ལོ་འཇལ་བྱེད་ཅིག་སྟེ། འདས་ལོ་རྩི་སླ་བའི་ཆེད་དུ་རིགས་ལྡན་བརྒྱད་ཅེས་པའི་ཐ་སྙད་བཏགས་ལ། དེ་ཡང་མེ་མཁའ་རྒྱ་མཚོ་མ་ཚུགས་གོང་དུ་ཡར་མི་ལོ་བརྒྱད་བརྒྱ་བརྩིས་པའམ། ཕྱི་ལོ་སྔོན་གྱི་ལོ་༡༧༧པ་ནས་ཕྱི་ལོ་༦༢༣པའི་བར་མི་ལོ་༨༠༠ཡོད་དེ་ཡིན་ཏེ། དུས་འཁོར་བསྡུས་རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག། ཅེས་དང་། རྩིས་གཞུང་ཉིན་བྱེད་སྣང་བ་ལས། མིག་དམར་ཤིང་བྱིའི་ལོ་དེ་ལ། །པད་དཀར་ཁྲིར་འཁོད་འགྲེལ་ཆེན་བརྩམས། །དེ་ནས་བཟུང་སྟེ་བཟང་པོ་དང་། །རྣམ་རྒྱལ་གཤེས་གཉེན་བཟང་པོ་དང་། །རིན་ཆེན་ཕྱག་དང་ཁྱབ་འཇུག་སྦས། །ཉི་མ་གྲགས་དང་ཤིན་བཟང་སྟེ། །རིགས་ལྡན་བརྒྱད་ཀྱིས་བརྒྱད་བརྒྱའི་བར། །ཞེས་སོགས་གསུངས།