74671

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་སད་པའི་རྟགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་འཁོར་བ་ཙམ་ལ་སྤོང་འདོད་དང་ཐར་པ་ཙམ་ཐོབ་འདོད་ཀྱི་བློ་ཤུགས་དྲགས་དང་ལྡན་པས་ཐེག་དམན་གྱི་རིགས་སད་པའི་རྟགས་ཡིན་ལ། དེས་ན། བློ་དེ་ལྟ་བུ་དང་ལྡན་པའི་སྐྱེས་བུ་ལ་ཐེག་དམན་གྱི་ལམ་བསྟན་པ་ཐེག་དམན་གྱི་ལམ་དུ་འཁྲིད་པར་བྱེད་པ་ཡིན་ལ། ཐེག་ཆེན་དུ་སེམས་བསྐྱེད་པའི་སྔ་རོལ་དུ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་ཐེག་པ་ཆེན་པོའི་ལམ་ལ་མོས་པ་ཆེ་བ། གཞན་དོན་དུ་དཀའ་སྤྱད་ལ་བཟོད་པ་ཆེ་བ། དགེ་རྩ་རྒྱ་ཆེན་པོ་བསྒྲུབ་པ་ལ་སྤྲོ་བ་ཆེ་བ་དང་ལྡན་པ་ནི། ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་ཡིན་ལ། དེ་ལྟ་བུའི་སྐྱེས་བུ་ལ་ཐེག་ཆེན་གྱི་ལམ་བསྟན་པ་ཐེག་ཆེན་ལམ་དུ་འཁྲིད་རིགས་ཏེ། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།