74672

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་སམ་འོས་པའི་རྒྱུ་ (1)
Part of speech མིང་ཚིག
Definition རྒྱུའི་རྒྱན་གྱི་ནང་གསེས་བཅུ་དྲུག་པ་སྟེ། མཐུན་པའི་རྒྱུ་ལས་འབྲས་བུ་རིགས་མཚུངས་སམ། འོས་པའི་དངོས་པོ་བསྐྱེད་པ་སྟོོན་པའི་ཚིག་ངོ་མཚར་བར་བརྗོད་པ་ལྟ་བུ་ལ་ཟེར།
Example བོད་མཁས་པས། སྐྱེས་ཐོབ་གསལ་བའི་བློ་དེ་དམ་པ་ཡི། །མགོན་གྱིས་ཟིན་པའི་དཀའ་བའི་གནད་རྣམས་ཀུན། །མུར་མུར་སུབ་སུབ་མ་ཡིན་མཐའ་ཆོད་པར། །འགྲེལ་ནུས་འདི་ཡང་རིགས་ཤིང་འོས་པ་ཉིད། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག