74698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིང་བའི་ཚོགས་རྣམ་པ་གཉིས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསོད་ནམས་རྒྱུའི་ཚོགས་ཀྱི་སྐབས་སུ་བཤད་པའི་རང་བཞིན་རྒྱུའི་ཚོགས་དང། དམིགས་པ་རྟེན་གྱི་ཚོགས་གཉིས་ཏེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། རིང་བའི་ཚོགས་ལ་རྣམ་པ་གཉིས། །རང་བཞིན་དང་ནི་དམིགས་པ་གཉིས། །ཞེས་པས་སོ། །འདི་གཉིས་ལ་རིང་བའི་ཚོགས་ཞེས་བརྗོད་པ་ནི། སྐབས་འདིར་རང་བཞིན་རྒྱུའི་ཚོགས་ནི་འགྲོ་བ་ཐུན་མོང་གི་སྣང་ངོར་གྲུབ་པ་ཕྱིའི་ཡུལ་རྒྱུ་འབྱུང་བ་ལྔ་དང་། དམིགས་པ་རྟེན་གྱི་ཚོགས་ནི་ཕྱི་ལུས་ངག་གི་སྒོ་ནས་ཚ་ཚ་གདབ་པ་དང་ཆུ་གཏོར་གཏོང་བ་སོགས་བཤད་ཡོད་པས་འདི་དག་ཕྱིའི་བྱ་བྱེད་ཀྱིས་གཙོ་བོར་བསྡུས་པ་ཡིན་པས་དེ་ལྟར་བརྗོད་པར་སྣང་། དེ་གཉིས་བྱེ་བྲག་གི་དོན་སྐབས་གཞན་དུ་གསལ་ལོ། །
Domain ཆོས་ལུགས།