74702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིང་བསྲེལ་ (1)
Part of speech མིང་ཚིག
Definition མདོ། རིང་བསྲེལ་དང་ནི་ཐུགས་དང་ལྗགས། །སྐུ་གཟུགས་ལ་སོགས་རུས་པ་ལས། །འབྱུང་བའི་རྒྱུ་མཚན་ཅུང་ཟད་དཔྱད། །འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་འབྱུང་བ་སྟེ། །ལུས་ཅན་རྣམས་ཀྱི་བསོད་ནམས་རྟེན། །འབྱུང་ཁུངས་ལས་བྱུང་རིན་ཆེན་འདྲ། །རིང་བསྲེལ་ལ་ལ་གདོན་གྱིས་བྱེད། །ལ་ལ་འབྱུང་བཞིའི་སྟོབས་ལས་འབྱུང་། །ཁ་ཅིག་བསྟན་ལ་དགའ་བའི་ལྷས། །དད་པར་བྱ་ཕྱིར་སྤྲུལ་པའང་སྲིད། །དེང་སང་རིང་བསྲེལ་ཕལ་ཆེ་བ། །བརྫུན་མས་བྱས་པའི་རིང་བསྲེལ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་ཆེན་འཕགས་པ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་འབྱོན་པ་དང། དེ་ལས་རིམ་གྱིས་བརྒྱུད་ནས་འཕེལ་གདུང་གི་ཐ་སྙད་སྦྱར་བའི་རིང་བསྲེལ་མང་པོ་འབྱུང་བ་ནི། འཕགས་པ་རྣམས་ཀྱི་ཐུགས་བརྒྱུད་ལ་མངའ་བའི་ཡོན་ཏན་དང་གདུལ་བྱའི་མོས་གུས་དང་བསོད་ནམས་ཀྱི་རྐྱེན་ལ་བརྟེན་ནས་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་བསོད་ནམས་སོག་པའི་རྟེན་དུ་བྱོན་པ་ཡིན་ནོ། །སྐུ་གཟུགས་དང་རིང་བསྲེལ་ལ་ལ་སེམས་ཅན་སླུ་བའི་ཕྱིར་བདུད་དང་གནོད་སྦྱིན་ལ་སོགས་པའི་གདོན་མ་རུངས་པས་བྱེད་པའང་ཡོད་ཅིང། སྡིག་ཅན་ལས་འབྱུང་བ་ནི་ལས་རྒྱུ་འབྲས་ལ་ལོག་ལྟ་བསྐྱེེད་པའི་ཕྱིར་བདུད་ཀྱིས་བྱིན་གྱིས་བརླབས་པའང་ཡོད་དོ། །ལ་ལ་འབྱུང་བ་བཞིའི་ནུས་པ་རུས་པའི་ཁོང་དུ་འཁྱམས་(འཁྱིམས། )པའི་དབང་གིས་འབྱུང་བའང་ཡོད་དོ། །བསྟན་པ་འཛིན་པའི་གང་ཟག་འགའ་ཞིག་ལ་འབྱུང་བ་ནི། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་ཆོས་དང་གང་ཟག་ལ་ཡིད་ཆེས་ཀྱི་དད་པ་སྤེལ་བའི་ཕྱིར་སྤྲུལ་པའང་སྲིད་དོ། །དེ་ལས་གཞན་པའི་རིང་བསྲེལ་དང་སྐུ་གཟུགས་འབྱུང་བ་ནི། མི་ཆོས་བླ་མའི་བརྫུན་གྱིས་དད་པ་ཅན་གྱི་སྐྱེ་བོ་སླུ་བའི་ཕྱིར་བྱས་པ་ཤས་ཆེའོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། སྤྱིར་རིང་བསྲེལ་ལ་བདེན་པ་མཐོང་བའི་ཡོན་ཏན་གྱི་སྟོབས་ཀྱིས་བྱུང་བ་དང། སྡིག་པོ་ཆེ་ལས་འབྲས་ལ་ཡིད་མི་ཆེེས་པར་བྱ་བའི་ཕྱིར་རམ། གདོན་གྱིས་བྱས་པ་དང། འབྱུང་བཞིའི་ནུས་པ་རུས་པའི་ནང་དུ་འཁྱིམས་པ་དང། བསྟན་པ་ལ་དགའ་བའི་ལྷས་གང་ཟག་དེ་ལ་རྗེས་འཇུག་དད་པར་བྱ་བའི་ཕྱིར་སྤྲུལ་པ་དང་བཞི་ཡོད་ཅིང། དེ་ལས་གཞན་པ་ནི་སྐྱེས་བུ་བརྫུན་མས་གསར་དུ་བྱས་པ་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།
རིང་བསྲེལ་ (2)
Part of speech མིང་ཚིག
Definition ལྷ་སྐུའི་གཟུངས་གཞུག