74737

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་གཏེར་མཛོད་ (1)
Part of speech མིང་ཚིག
Definition རིན་པོ་ཆེ་ཡོད་པའི་གཏེར་ཁ་དང་བང་མཛོད།
Example ཇག་བརྒྱབ་ནས་རིན་ཆེན་གཏེར་མཛོད་སྟོང་བར་ཕུད་ཅེས་པ་ལྟ་བུ།

{{#arraymap:རིན་ཆེན་གཏེར་མཛོད་

|; |@@@ | | }}

རིན་ཆེན་གཏེར་མཛོད་ (2)
Part of speech མིང་ཚིག
Definition ས་གཏེར་དབུ་བརྙེས་སངས་རྒྱས་བླ་མ་ནས། བྱང་སེམས་ཟླ་རྒྱལ་ནས་གཙུག་ལག་ཆོས་རྒྱལ་བར་གཏེར་སྟོན་བརྒྱ་རྩ་སོགས་ཀྱི་ས་གཏེར་དགོངས་གཏེར་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྐོར་རྒྱ་ཆེ་བ་རྣམས་ཀྱི་དབང་གི་སྙིང་པོ་དང་། ཁྲིད་རྒྱུན་ཡོད་རིགས་རྩ་བར་བཟུང་། སྒྲུབ་ཐབས་ཕྲིན་ལས་དབང་ཆོག་བསྙེན་ཡིག་སོགས་གང་དགོས་གསར་དུ་སྦྱར། ཆོས་ཚན་ཉུང་ངུ་དང་རྒྱུན་དཀོན་པའི་རིགས། གཏེར་ཕྲན་རྣམས་ཀྱི་གཞུང་དང་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་བསྡུས། དེ་དག་ལའང་གསལ་བྱེད་དགོས་པ་ལ་ཟུར་འདེབས་སོགས་ཞིབ་པར་བཀོད་པ་དང་། གཏེར་གསར་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་སོགས་ཀྱང་འདིའི་ཁོངས་སུ་སྡུད་དགོས་པ་བཅས་དཔལ་སྤུངས་སྤར་མ་ལྟར་ན་པོད་དྲུག་ཅུ་རེ་གཅིག་བཞུགས་སོ། །

{{#arraymap:རིན་ཆེན་གཏེར་མཛོད་

|; |@@@ | | }}