74747
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་རྗེས་ཟ་ཧོར་གྱི་རྒྱལ་པོ་ཛཿ་ལ་ཡ་མཚན་གྱི་རྨི་ལྟས་བདུན་བྱུང་བའི་གཅིག་ཡིན། དེ་ནི་རྒྱལ་པོའི་རྨི་ལམ་དུ་ནམ་མཁའི་ཁམས་ལས་སྤྲིན་གསེར་གྱི་མདོག་ཅན་འཁྲིགས་ཤིང་། ཆོ་འཕྲུལ་གྱི་འབྲུག་སྐད་དམ་པ་ཆོས་ཀྱི་སྒྲ་གོ་སླ་ཞིང་སྙན་པར་སྒྲོག རིན་ཆེན་སྣ་ཚོགས་ཀྱི་ན་བུན་འཐིབས། བཻཌཱུརྻའི་འོད་འབྱུང་ཞིང་སྣང་སྲིད་གསལ་བའི་གློག་འགྱུ། རིན་པོ་ཆེའི་ཆར་ཆེན་པོ་འབབ་པ་རྨིས་སོ། ། |
| Domain | ལོ་རྒྱུས། |