7476

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདུང་མ་བརྒྱད་ (1)
Part of speech མིང་ཚིག
Definition གདུང་མ་བརྒྱད་ནི་བདེ་གཤེགས་རྒྱ་བོ་པའམ་ཟུར་ཆུང་ཤེས་རབ་གྲགས་པའི་སློབ་མ་གྲགས་ཆེ་བའི་ཡ་གྱལ་ཏེ། མ་ཐོག་པ། སྐྱོ་སྟོན་ཆོས་སེང་། གླན་ཤཱཀ་བྱང་ཆུབ། རྩག་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་སྟོན་བྱང་དཔལ་དང་བརྒྱད་དོ། །ཡང་ལ་ལར། གཟི་ཆེན། རྣལ་རྦ་སྙིང་པོ། ངམ་སྟོན་རྒྱལ་བ་གསུམ་དྲངས་པའང་ཡོད་གསུངས།
Domain ལོ་རྒྱུས།
གདུང་མ་བརྒྱད་ (2)
Part of speech མིང་ཚིག
Definition གདུང་མ་བརྒྱད་ནི་གནམ་ལོའི་ལུས་དང་ཀླུང་རྡེལ་གཉིས། ལོག་མེན་སྲོག་དང་ཁམ་རྡེལ་གཉིས། དུས་ཚོ་སྲོ་དང་ཁམ་རྡེལ་གཉིས། གཟའ་ཡི་ལུས་དང་ཀླུང་རྡེལ་གཉིས་བཅས་གདུང་མ་བརྒྱད་དོ། །
Domain རྩིས་རིག