74762

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་བཀོད་པའི་འཇིག་རྟེན་གྱི་ཁམས་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདིའི་སྟོན་པ་ནི་སངས་རྒྱས་དགའ་བའི་སྤྱན་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་རིན་ཆེན་བཀོད་པའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དགའ་བའི་སྤྱན་ཞེས་བྱ་བར་བསྟན་ནས། ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། །