From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རིན་ཆེན་འབྱུང་གནས་ (1)
| Part of speech
|
མིང་ཚིག
|
| Definition
|
རབ་བྱུང་གསུམ་པའི་མེ་ལུག་ཕྱི་ལོ ༡༡༨༧ ལོར་འཁྲུངས། རབ་བྱུང་བཞི་པའི་ཤིང་སྟག་ཕྱི་ལོ ༡༢༥༤ ལོར་སྐུ་གཤེགས། དགུང་ལོ་བཅུ་གསུམ་པར་ཁྲོམ་བཞེར་ཇོ་སྲས་རིན་ཆེན་སེང་གེ་ལས་རབ་ཏུ་བྱུང། མཚན་ལ་རིན་ཆེན་འབྱུང་གནས་ཞེས་གསོལ། ཉེར་གཉིས་པར་གྲོ་སར་རྣལ་འབྱོར་བྱང་སེང་སོགས་ལས་བསྙེན་པར་རྫོགས། འབེ་སངས་རྒྱས་སྒོམ་པ་དང་། རྡོ་རྗེ་གཞོན་ནུ། ཏྲེ་བོ་མགོན་པོ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། སོ་བཞི་པ་རབ་བྱུང་བཞི་པའི་ལྕགས་འབྲུག་ཕྱི་ལོ ༡༢༢༠ ལོར་ཀམ་ཀམ་གྱི་གདན་སར་བྱོན། གདན་ས་ལོ་ངོ་སོ་བཞིའི་རིང་བསྐྱངས། བུ་སློབ་མང་པོ་བསྐྱངས། ཀམ་ཀམ་གྱི་གདན་རབས་བཞི་པ་ཡིན། མཚན་གཞན། ཞིག་པོ་འདུལ་འཛིན་གྲྭ་བ་རིན་ཆེན་འབྱུང་གནས།
|
རིན་ཆེན་འབྱུང་གནས་ (2)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་ཀྱི་མཚན་ཏེ། ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན་པས་ནའོ། །
|
| Type
|
མངོན་བརྗོད།
|
རིན་ཆེན་འབྱུང་གནས་ (3)
| Part of speech
|
མིང་ཚིག
|
| Definition
|
རྒྱ་མཚོ་སྟེ། གཡུ་དང་། བྱུ་རུ་དང་། མུ་མེན་དང་། མུ་ཏིག་སོགས་རིན་པོ་ཆེ་མང་པོ་ཡོད་པས་ནའོ། །
|
རིན་ཆེན་འབྱུང་གནས་ (4)
| Part of speech
|
མིང་ཚིག
|
| Definition
|
ས་གཞི་སྟེ། སའི་འོག་ཏུ་གསེར་སོགས་རིན་པོ་ཆེའི་རིགས་མང་པོ་ཡོད་པས་ནའོ། །
|