74786
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བརྒྱད་པའི་ཆུ་བྱ་ཕྱི་ལོ་ ༡༤༥༣ ལོར་སྟོད་ལུང་མདའིི་ཞིིང་བཟུང་དུ་འཁྲུངས། འབྲས་སྤུངས་སུ་ཆོས་རྗེ་རིན་ཆེན་བྱང་ཆུབ་ལས་རབ་ཏུ་བྱུང་། སློབ་དཔོན་ཡེ་ཤེས་བཟང་པོ་སོགས་ལས་གཞུང་ཆེན་ལྔར་བྱང་བར་མཛད། རྒྱུད་པ་ཚུལ་ཁྲིམས་བཟང་པོ་ལས་སྔགས་གཞུང་རྣམས་གསན། ཉི་སྡིངས་སུ་དྲུང་གཟིམས་ཆེན་པོ་ལས་བསྙེན་པར་རྫོགས། ཟབ་ཆོས་ཀྱང་མང་དུ་གསན། ཞེ་དྲུག་པ་རབ་བྱུང་བརྒྱད་པའི་ས་རྟ་ཕྱི་ལོ་ ༡༤༩༨ ལོར་རྒྱུད་ཀྱི་འཆད་ཉན་མཛད། ང་དྲུག་པར་བྱང་རྩེར་བྱོན། བདུན་ཅུ་པ་རབ་བྱུང་དགུ་པའི་ཆུ་རྟ་ཕྱི་ལོ་ ༡༥༢༢ ལོར་དགའ་ལྡན་གསེར་ཁྲིར་བྱོན། ཆོས་འཁོར་ལོ་ངོ་བརྒྱད་རིང་བསྐོར། གསེར་ཟངས་ལས་གྲུབ་པའི་འོད་དཔག་མེད་ཀྱི་སྐུ་བརྙན་བཞེངས། དོན་བརྒྱད་པར་ཁྲི་ཟུར། གྱ་བརྒྱད་པ་རབ་བྱུང་དགུ་པའི་ལྕགས་བྱི་ཕྱི་ལོ་ ༡༥༤༠ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཅུ་བཞི་བ་ཡིན། སློབ་མ་གཙོ་བོ་ནི་བརྩེ་པ་ཆོས་རྗེ་ཆོས་སྐྱོང་རྒྱ་མཚོ་སོགས་ཡིན། གསུང་རྩོམ་ནི་བསྟན་རྩིས་གསལ་བའི་སྒྲོན་མེ་བཅས་བཞུགས། |