74791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རཏྣ་དྷོ་ཛཱའམ་རིན་ཆེན་རྒྱལ་མཚན་ནི། མངྒ་ལཀྵའི་ཡབ་ཡིན་པར་གསུངས་ལ། དུད་སོལ་ལྷ་མོའི་དབང་གི་བླ་བརྒྱུད་དུ་རཏྣའི་མཚན་ཅན་ཞེས་གསལ་བར་འཁོད་ཀྱང་འཁྲུངས་འདས་ཀྱི་ལོ་ཚིགས་དང་གདན་ས་བསྐྱངས་མིན་མི་གསལ།
རིན་ཆེན་རྒྱལ་མཚན་ (2)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་སྨད་དུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་མནོས། འདུལ་གཞུང་སོགས་ལ་ལེགས་པར་སྦྱངས། ལེགས་སྦྱར་གྱི་སྐད་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དགའ་བའི་སྦྱན་རྒྱ་ཆེར་འགྲེལ་བ་དང་། རིན་པོ་ཆེའི་འོད་སྙིང་པོ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས། ཕྱག་ཆེན་ཐིག་ལེའི་རྒྱུད་ལ་བརྟེན་ནས་དཔལ་ཆེན་པོ་ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་གི་སྒྲུབ་ཐབས། སྡིག་པ་ཐམས་ཅད་འདག་པའི་མེའི་མཆོད་པའི་ཏིང་ངེ་འཛིན། དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་མན་ངག དཔལ་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་མན་ངག ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་བཅས་བཞུགས།