74799

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་བཅུ་དགུ་པ། རབ་བྱུང་བཅུ་བཞི་པའི་ལྕགས་སྟག་ཕྱི་ལོ་ ༡༨༣༠ ལོར་ཆབ་མདོ་རོབ་ཀོ་ལོ་དགའ་འཛོམས་ཚང་དུ་སྐུ་འཁྲུངས། བུམ་དཀྲུགས་བརྒྱུད་འཕགས་མཆོག་སྐུ་འཕྲེང་གསུམ་པའི་ཡང་སྲིད་དུ་ངོས་བཟུང་ནས་རི་ཆེར་གདན་དྲངས། སྟག་ལུང་ཡར་ཐང་དུ་རྗེ་བསྟན་པའི་ཉི་མའི་ཞབས་ལ་གཏུགས་ནས་བཀའ་བརྒྱུད་པའི་ཟབ་ཆོས་རྣམས་གསན་ཞིང་བསྙེན་རྫོགས་ཀྱི་སྡོམ་པ་མནོས། གཞུང་ནས་ནོ་མི་ཧན་གྱི་ཆོ་ལོ་བསྩལ། རྗེ་དྲུང་གཤེགས་རྗེས་རི་ཆེའི་ཁྲི་ལ་བཞུགས་ཤིང་། སྒོམ་སྡེའི་ནང་ཆེན་དང་རི་ཆེའི་བར་འདུམ་མཛད། བླ་བྲང་གཉིས་བར་མཐུན་སྒྲིལ་ཡོང་སླད། གཞུང་ཞུས་ཆོག་མཆན་ཐོབ་པ་ལྟར། གདན་ས་བསླབ་པ་རྒས་རིམ་གྱིས་རེས་མོས་བྱ་རྒྱུ་དང་། འཐུས་ཚབ་མི་སྣ་བཅུའི་སྐོར་ལས་གྲུབ་པའི་སྤྱི་ཁྱབ་ཁང་བཀྲ་ཤིས་ཁང་གསར་ཞེས་པ་བླ་བྲང་གཉིས་ཀྱི་བར་དུ་གསར་ཏུ་བཏབ་པ་སོགས་གང་ལེགས་མཛད་ཀྱང་ལོ་དྲུག་ལས་མ་སོང་བར་རང་ཞིག་ཏུ་གྱུར་ནས་དགོངས་པ་ལྟར་མ་བྱུང་། མཐར་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ཕྱི་ལོ་༡༨༧༥ལོར་གཤེགས།