74802

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་སྐྱོགས་ལྔ་ (1)
Part of speech མིང་ཚིག
Definition བོན། བོན་ལུགས་སུ་ཁྲུས་ཀྱི་ཆོ་ག་སྤེལ་སྐབས་སུ་མཁོ་བའི་ཡོ་བྱད་ཅིག་སྟེ། མདོ་གཟེར་མིག་ལས། རིན་ཆེན་སྐྱོགས་ལྔར་གཙང་མའི་ཆབ་ལྔ་བླུགས་པ་འདིས། ཞེས་སོ། །ལྔ་ནི། གསེར་སྐྱོགས། གཡུ་སྐྱོགས། དངུལ་སྐྱོགས། ལྕགས་སྐྱོགས། ཟངས་སྐྱོགས་དང་ལྔའོ། །རྒྱུ་དང་བཟོ་དབྱིབས་ནི། འབྱོར་ལྡན་ན་གསེར་གཡུ་དངུལ་ལྕགས་ཟངས་ཀྱིས་བཟོ་ཞིང་། མ་འབྱོར་ན་ཟངས་ཀྱིས་ཚད་དང་ལྡན་པ་བཟོ་ནས་སྐྱོགས་ཀྱི་ནང་དུ་གསེར་གཡུ་དངུལ་ལྕགས་ཟངས་ཀྱིས་པད་འདབ་ལྟར་བཀོད་ཡོད། ཡུ་བ་ནི་རང་མཐུན་བྱེད་ནས་བཟོ་འདུག་གོ །
Domain ཆོས་ལུགས།