74842
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཚུལ་ཁྲིམས་དག་པ་ལ་བརྟེན་ནས་ཡོན་ཏན་ཕུན་ཚོགས་པ་སྐྱེད་པའི་སེམས་བསྐྱེད་ལ་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ཚུལ་ཁྲིམས་དང་ལྡན་པ་ནི། རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་བྱེད་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་ས་གཉིས་པ་ནས་ཐོབ་པར་འདོད་དོ། ། |
| Domain | ཆོས་ལུགས། |