74888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ (1)
Part of speech མིང་ཚིག
Definition མཚན་ཉིད་ནི། མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་ཀྱི་སློབ་པ་འབྲས་གནས་སོ། །དབྱེ་བ་ལ། སྤངས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དགུ་པ་སྤངས་པ་དང་། བསམ་གཏན་དང་པོ་ནས་ཅི་ཡང་མེད་ཀྱི་བར་གྱི་ས་བདུན་པོ་རེ་རེ་ལའང་དགུ་དགུ་སྲིད་ཉོན་དང་པོ་ནས་བརྒྱད་པའི་བར་སྤངས་པ་སྟེ། ཀུན་བསྡོམས་པས་བདུན་ཅུ་དོན་གཉིས་ཡོད་དོ། །རྟོགས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་དང་། དེའི་རྗེས་ཐོབ་ལ་གནས་པ་གཉིས་དང་། བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་སྲིད་ཉོན་བརྒྱད་པའི་བར་རེ་རེ་ལ་ཡང་། སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། དེའི་རྗེས་ཐོབ་ལ་གནས་པ་དང་བཞི་བཞི་སྟེ་ཉིས་བརྒྱ་དང་གྱ་བཞི། སྲིད་ཉོན་དགུ་པ་སྤོང་བའི་སྦྱོར་བའི་ལམ་ལ་གནས་པ་དང་། བར་ཆད་མེད་པའི་ལམ་ལ་གནས་པ་གཉིས་ཏེ་ཀུན་བསྡོམ་པས་ཉིས་བརྒྱ་བརྒྱད་ཅུ་གྱ་བརྒྱད་ཡོད་དོ། །རྟེན་གྱི་སྒོ་ནས་དབྱེ་ན། འདོད་པའི་རྟེན་ཅན་དགུ གཟུགས་ཀྱི་བར་སྲིད་ཀྱི་རྟེན་ཅན་བཅུ་བདུན། སྐྱེ་སྲིད་ཀྱི་རྟེན་ཅན་བཅུ་བདུན། གཟུགས་མེད་ཀྱི་རྟེན་ཅན་བཞི་སྟེ་ཞེ་བདུན་ནོ། །སྤངས་པའི་ཁྱད་པར་ནི། འདོད་ཉོན་དགུ་པ་སྤངས་ཤིང་སྲིད་ཉོན་དགུ་པ་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་ཅིང་སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། ། ༢ ཕྱིར་འོང་འབྲས་བུ་ལ་གནས་པ་དེ་ཉིད་རྣམ་པ་དགུར་ཟད་ཅིང་སྤངས་པས་ནི་ཕྱིར་མི་འོང་བའོ། །འདོད་ཁམས་སམ་གོང་དུ་སྐྱེས་པའི་སར་ཕྱིས་ལན་གཅིག་ཀྱང་ཕྱིར་མི་འོང་བས་ན་ཕྱིར་མི་འོང་ངོ་། །མདོ་ལས། ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པའི་ཕྱིར་ཕྱིར་མི་འོང་བ་ཞེས་བྱའོ་ཞེས་འབྱུང་བ་མི་དེའི་ཚེ་སྔར་སྤངས་པ་རྣམས་ཀྱི་བྲལ་བའི་ཐོབ་པ་གཅིག་རྙེད་པས་སྤངས་པ་བསྡོམས་པའི་ཕྱིར་རོ། །དེ་ནི་འདི་ལྟར་འདོད་པ་ལས་འདོད་ཆགས་དང་བྲལ་བས་ངེས་པ་ལ་འཇུག་པའི་སྔོན་དུ་འཇིག་རྟེན་པའི་ལམ་གྱིས་གཉིས་སྤངས་ལ། མཐར་གྱིས་པས་གསུམ་སྟེ་བསྡོམས་པས་ལྔ་སྤངས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །དབྱེ་བ་ནི་གཟུགས་སུ་ཉེར་འགྲོ་དང་། གཟུགས་མེད་པར་ཉེར་འགྲོ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བ་སྟེ་གསུམ་དུ་འགྱུར་རོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་

|; |@@@ | | }}