74889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིམ་གྱིས་པའི་ཕྱིར་འོང་ཞུགས་པ་ (1)
Part of speech མིང་ཚིག
Definition མཚན་ཉིད་ནི། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག མཐོང་ལམ་ཐོབ་རྗེས་སུ་འདོད་པའི་སྒོམ་སྤང་ཉོན་མོངས་སྤངས་པའི་སྦྱོར་བ་རང་རྒྱུད་ལ་ཐོབ་པའོ། །དབྱེ་བ་ལ། སྤངས་པའི་སྒོ་ནས་དབྱེ་བ་སོགས་(རྟོགས་པའི་སྒོ་ནས་དབྱེ་བ། དབང་པོའི་སྒོ་ནས་དབྱེ་བ། )གསུམ་མོ། །སྤངས་བའི་ཁྱད་པར་ནི། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་ཤིང་འདོད་པའི་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་དང་པོ་ནས་ལྔ་པའི་བར་སྤངས་མ་སྤངས་ཅི་རིགས་སུ་ཡོད་ཅིང་དྲུག་པ་མ་སྤངས་པ་གཅིག་དགོས་སོ། །རྟོགས་པའི་ཁྱད་པར། བཅུ་དྲུག་པའི་རྟོགས་པ་ཐོབ་ཅིང་འདོད་པའི་སྒོམ་སྤང་ཉོན་མོངས་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པ་གཅིག་དགོས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། ། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་འདོད་པའི་སྒོམ་སྤང་གཅིག་ནས་ལྔའི་བར་དུ་བཅོམ་པ་དང་། དྲུག་པ་སྤང་བའི་སྦྱོར་བ་ལ་གནས་པ་ནི། འབྲས་བུ་གཉིས་པ་ལ་ཞུགས་པའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
Domain ཆོས་ལུགས།